新闻资讯
新闻资讯
拉萨市疫情联防联控领导小组办公室新型冠状病毒感染的肺炎公众预防指南之七 ——交通工具预防指南
来源:admin 时间:2020-02-13 浏览次数:

1.ཕྱོགས་སྟོན་འདི་ནི་གནམ་གྲུ་དང་མེ་འཁོར། གླ་བྱེད་རླངས་འཁོར། སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་འཕྲུལ་ཆས་ཐོག་ཏུ་སྤྱོད་ཆོག

1. 本指南适用于飞机、火车、出租车和公共汽车等公共交通工具。

2.ཁ་ལོ་བ་དང་ལས་སྒྲུབ་མི་སྣས་ཁ་རས་རྒྱག་དགོས་པ་དང་། ཉིན་ལྟར་གཟུགས་པོའི་བདེ་ཐང་ཐད་ལྟ་ཞིབ་ཚད་ལེན་བྱེད་དགོས། ཚ་བ་རྒྱས་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་ལས་ན་བཞིན་དུ་ལས་ཀར་ཞུགས་མི་རུང་། 

2. 司乘人员应佩戴口罩,每日做好健康监测,出现发热状态后要及时就诊、不带病上班。

3.འགྲུལ་པས་ངེས་པར་དུ་ཁ་རས་ཡག་པོ་རྒྱག་དགོས་པ་དང་། ཚང་མས་ཐུག་རེག་བྱེད་སར་ཐུག་རེག་བྱ་རྒྱུ་མེད། འགྲུལ་བཞུད་མཇུག་སྒྲིལ་རྗེས་ལག་པ་དུས་ཐོག་ཏུ་གཙང་མ་བཀྲུས་ནས་དུག་སེལ་བྱེད་དགོས།

3. 乘客应戴好口罩,避免触碰公共接触部位。旅程结束后要对双手及时进行清洗消毒。

4.ཐག་རིང་དུ་འགྲོ་མཁན་འགྲུལ་པས་ཐོན་སའི་འབབ་ཚུགས་དང་སླེབས་སའི་འབབ་ཚུགས། དེ་བཞིན་ལམ་བར་བཅས་སུ་གཟུགས་པོའི་དྲོད་ཚད་འཇལ་བར་གཞོགས་འདེགས་ཧུར་ཐག་བྱེད་དགོས། དོགས་གཞི་ཡོད་པའམ་གཏན་འཁེལ་བའི་ནད་དཔེ་ཐོན་ཚེ། ལས་དོན་མི་སྣའི་བཀོད་སྒྲིག་ལ་ཉན་དགོས་པ་དང་དུས་ཐོག་ཏུ་ལོགས་སུ་དབྱེ་བའམ་མུ་མཐུད་ཉར་ནས་ལྟ་ཞིབ་བྱེད་དགོས།

4. 长途旅客应积极配合在始发站、抵达站和行驶途中进行的体温检测,当有疑似或确诊病例出现时,应听从工作人员安排及时进行隔离、进行后续留观。

5.ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་དོགས་ཡོད་ནད་རྟགས་ཐོན་ཚེ་སྤྱི་པའི་འགྲིམ་འགྲུལ་འཕྲུལ་ཆས་ལ་ཞུགས་རྒྱུར་རང་རྟོགས་ཀྱིས་གཡོལ་ཐབས་བྱེད་དགོས།

5. 出现发热、咳嗽等可疑症状后应主动避免乘坐公共交通工具。

6.གཙང་སྦྲ་དང་དུག་སེལ་བྱེད་ཐེངས་མང་དུ་གཏོང་དགོས། ལྷག་པར་དུ་སྒོའི་ལག་འཇུ་སོགས་ཚང་མས་ཐུག་རེག་བྱེད་སར་ཕྱི་བདར་དང་དུག་སེལ་བྱེད་ཐེངས་མང་དུ་གཏོང་དགོས།

6. 增加清洁与消毒频次,特别是门把手等公共接触部位。做好清洁消毒工作记录和标识。

7.མཁའ་རླུང་འགྲོ་རྒྱུག་ཡག་པོ་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས།

7. 保持良好的通风状态。

8.རླངས་འཁོར་འབབ་ཚུགས་དང་འཁོར་སྒྲོམ་ནང་གཙང་སྦྲ་ཡག་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གད་སྙིགས་དུས་ཐོག་ཏུ་མེད་པ་བཟོ་དགོས།

8. 保持车站、车厢内的卫生整洁,及时清理垃圾。

9. ཁ་ལོ་བ་དང་ལས་སྒྲུབ་མི་སྣའི་ལས་ཀ་དང་རེས་འཁོར་ངལ་གསོ་བཀོད་སྒྲིག་ཡག་པོ་བྱས་ཏེ། ཁོང་ཚོ་ངལ་གསོ་འདང་ངེས་བརྒྱབ་ཐུབ་པ་བྱེད་དགོས།  

9. 做好司乘人员的工作与轮休安排,确保司乘人员足够休息。