新闻资讯
新闻资讯
拉萨市疫情联防联控领导小组办公室新型冠状病毒感染的肺炎公众预防指南之六 ——公共场所预防指南
来源:admin 时间:2020-02-13 浏览次数:

1.ཕྱོགས་སྟོན་འདི་ནི་ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཞིང་ཟོག་ཁྲོམ་ར། མེ་འཁོར་འབབ་ཚུགས། གནམ་གྲུ་འབབ་ཐང་། སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འདུ་འཛོམས་ཁུལ་དུ་སྤྱོད་ཆོག

1.本指南适用于商场、超市、农贸市场、火车站、飞机场、公交汽车站等公共场所。

2.ལས་དོན་ཞབས་ཞུ་པས་རང་སོ་སོའི་འགོག་སྲུང་ཡག་པོ་བྱེད་དགོས། ལྷག་པར་དུ་འཐབ་ས་དང་པོའི་ལས་དོན་མི་སྣས་ཁ་རས་ཡག་པོ་རྒྱག་དགོས།

2.工作服务人员要做好自我防护,尤其是一线工作人员要带好口罩。

3.ལས་དོན་ཞབས་ཞུ་པས་སོ་སོའི་གཟུགས་གཞི་བདེ་ཐང་ཐད་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། གལ་ཏེ་ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། གཟུགས་པོར་ཤུགས་མེད་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་ལམ་སེང་སྨན་བཅོས་བྱེད་དགོས་པ་ལས་ན་བཞིན་དུ་ལས་ཀར་ཞུགས་མི་རུང་། 

3.工作服务人员自行做好健康监测,若出现发热、咳嗽、咽痛、胸闷、呼吸困难、乏力等可疑症状,应及时就诊、不带病上班。

4.ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་དོགས་ཡོད་ནད་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཁོངས་གཏོགས་འཕྲོད་བསྟེན་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། མི་དེར་དུས་ཐོག་ཏུ་དམིགས་བཙུགས་སྨན་ཁང་གི་ཚ་བ་རྒྱས་མཁན་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས་པའི་རེ་བ་འདོན་དགོས། 

4.若发现新型冠状病毒感染的肺炎可疑症状者,应及时向属地卫生机构报告,要求其及时到指定医院发热门诊就诊。

5.སྤྱི་པའི་འདུ་འཛོམས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་རྒྱུན་མཐུད་ནས་ཡག་པོ་བྱེད་དགོས་པ་དང་། གད་སྙིགས་དུས་ཐོག་ཏུ་མེད་པ་བཟོ་དགོས། སྤྱི་སྤྱོད་དངོས་རྫས། དེ་བཞིན་མི་ཚང་མས་ཐུག་རེག་བྱེད་སའི་དངོས་པོའམ་ས་ཆར་དུས་ཚོད་ངེས་གཏན་གྱིས་གཙང་སྦྲ་དང་དུག་སེལ་བྱེད་དགོས།

5.保持公共场所环境卫生清洁,及时清理垃圾。公用物品及公共接触物品或部位要定期清洗和消毒。

6.ཁང་པའི་ནང་གི་སྤྱི་པའི་འདུ་འཛོམས་ཁུལ་གྱི་འཛུལ་སྒོར་གཟུགས་པོའི་དྲོད་ཚད་འཇལ་ས་འཛུགས་དགོས་པ་དང་། དྲོད་སྙོམ་མ་ལག་དང་རླུང་འབུད་འཕྲུལ་ཆས་སྐྱོན་མེད་པ་འགན་ལེན་བྱེད་དགོས། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འགྲོ་རྒྱུག་ཐུབ་པ་བྱས་ཏེ་ཁང་པའི་ནང་གི་མཁའ་རླུང་གཙང་མ་ཡོང་བ་བྱེད་དགོས།

6.室内公共场所应在入口处设立体温检测点,保证空调系统或排气扇运转正常,常开窗换气,保持室内空气清新。

7.གསང་སྤྱོད་ནང་ལག་བཀྲུའི་གཤེར་ཁུ་འདང་ངེས་བཞག་ནས་ཆུ་ཀ་ལའི་མཆུ་ཏོ་སོགས་ཆུ་མཁོ་འདོན་སྒྲིག་ཆས་རྒྱུན་གཏན་བཞིན་བེད་སྤྱོད་གཏོང་རྒྱུ་ཡོད་པ་བྱེད་དགོས།

7.洗手间要配备足够的洗手液,保证水龙头等供水设施能够正常使用。